27/10/2026
༈ ཁ་སང་ཁ་ནིང་སྤྱི་ཚེས་༢༥/༡༠/༢༠༢༦ གཟའ་ཟླ་བའི་ཉིན། འཕགས་མཆོག་བསམ་གྲུབ་ཆོས་གླིང་ཆོས་ཚོགས་ལ་བཀའ་དྲིན་བླ་ན་མ་མཆིས་པའི་ཞིང་གཤེགས་དམ་པ་བླ་མ་རིན་པོ་ཆེ་རྣམ་པ་གསུམ་གྱི་བཀའ་དྲིན་རྗེས་དྲན་ཁུ་རུ་འགྲན་བསྡུར་ཐེངས་གཉིས་པ་དེ་ལེགས་པར་གྲུབ་ཡོད། རྩོད་འགྲན་སྐབས་སུ་ཕྱོགས་མཐའ་ཁག་གྱི་སྡེ་ཚན་༦༥ ལྷག་ཙམ་གྲལ་གཏོགས་གནང་འདུག་པས་བཀའ་དྲིན་རྗེས་དྲན་ཚོགས་པ་དང་ཆོས་ཚོགས་རྒྱུན་ལས་ངོས་ནས་སྡེ་ཚན་ཚང་མ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། སླད་མར་ཡང་མུ་མཐུད་དུ་མཉམ་ཞུགས་གནང་བསྐྱོང་ཡོང་བའི་སྨོན་འདུན་བཅས།
During the second annual dart competition, more than 65 teams from various regions participated in the competition. On behalf of the Remembrance Committee and the Executive Committee of the Phagchok Samdrup Choeling Gonpa, we would like to express our heartfelt gratitude to all the participating teams for their enthusiastic involvement and support.
We sincerely hope for your continued participation and support in future events.🙏