ཟླཝ་དང་པ་ཆོ་འཕྲུལ་དུས་ཆེན་ཉིན་བཅུ་བཞི་པར།
ཆོ་འཕྲུལ་བསྟོད་པ་ལས།
བཅུ་བཞིར་རྒྱལ་པོ་ཨིནྡྲས་མཆོད་པའི་ཚེ། །རྒྱལ་པོས་གཏོར་བའི་མེ་ཏོག་ཐམས་ཅད་ཀྱང་། །རིན་ཆེན་ཤིང་རྟས་ཚོགས་ཀྱིས་སྟོང་གསུམ་ཁྱབ། །ཀུན་གྱི་གསལ་བར་མཐོང་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར།
རང་ཟླ་དང་པའི་ཚེས་གཅིག་ལས་ བཅོ་ལྔ་ཚུན་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ ཆོ་འཕྲུལ་ཆེན་པོ་བསྟན་པའི་སྐབས་ ཉི་མ་རེ་རེ་ལུ་ ལྷ་དང་མི་དཔག་ཏུ་མེད་པ་ མངོན་པར་མཐོ་བ་དང་རྣམ་པར་གྲོལ་བའི་འབྲས་བུ་ཐོབ་ཏེ་ཡོདཔ་ལས་ དགེ་བ་སྣ་གཅིག་འབད་རུང་སྒྲུབ་ སྡིག་པ་སྣ་གཅིག་ཨིན་རུང་སྤངས་ཚུགས་པ་ཅིན་ འདིའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོདཔ་མ་ཚད་ བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་ཚུ་དང་ བསྟན་པའི་ཞབས་འདེགས་རྒྱལ་རིགས་བློན་པོ་ཚུ་སྐུ་ཚེ་བསྲིངས་ཏེ་ རྒྱལ་ཁབ་ནང་ལུ་ ནད་མུག་འཁྲུགས་རྩོད་ཚུ་རང་སར་ཞི་སྟེ་ བདེ་སྐྱིད་ཀྱི་ངང་ལུ་གནས་ཚུགས་པའི་གོ་སྐབས་ཡོདཔ་ཨིན།
དེ་དང་འབྲེལ་ནངས་པར་སྤྱི་ཚེས་ ༣/༣/༢༠༢༦ ཚེས་བཅོ་ལྔ་ཉི་མའི་ཆུ་ཚོད་ ༡:༣༠ ལུ་མཁན་རིན་པོ་ཆེ་ཚེ་དབང་བསོད་ནམས་མཆོག་ནས་སངས་རྒྱས་སྟོང་གི་བཀའ་དབང་གནང་ནི་ཨིནམ་ལས་ཐུགས་དལ་ཁོམ་ཡོད་མི་ཚུ་བཀའ་དབང་ཞུ་བར་འབྱོན་གནང་ཟེར་བའི་གསལ་བརྡ་ཕུལཝ་ཨིན།
བཀྲིན་ཆེ།
Tharpaling
Tharpaling Monastery is situated above Chumey valley at 3,600m. A 10 km. feeder road goes up to the monastery from Gyetsa village in Chumey valley,
26/02/2026
༈ ད་རེས་ རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱི་གདན་ས་བུམ་ཐང་ཐར་པ་གླིང་དུ། ཆོ་འཕྲུལ་ཟླ་བར་སྨོན་ལམ་ཆེན་མོ་ཚོགས་བཞིན་པའི་སྐབས་དང་བསྟུན། རབ་བྱུང་བཅུ་བདུན་པའི་མེ་ཕོ་རྟ་ལོ་ཟླ་དང་པོའི་ཚེས་བཅུའི་ཉིན། མཁན་ཆེན་ཚེ་དབང་བསོད་ནམས་མཆོག་གིས། ཐར་པ་གླིང་གི་སྒྲུབ་སྡེ་(བསམ་གཏན་འོད་གསལ་གྲུབ་བརྙེས་དགའ་ཚལ་གླིང་)དུ། བསྐྱེད་རྫོགས་རིམ་གཉིས་ལམ་གྱི་ཉམས་ལེན་ཚང་ལ་མ་ནོར་བ་གནང་ཟིན་པའི་མཚམས་པ་ཞལ་གྲངས་བརྒྱད་ལ། (རིམ་གཉིས་ལམ་གྱི་རྣལ་འབྱོར་ཕུལ་དུ་ཕྱིན་པའི་གཟེངས་བསྟོད་ལག་ཁྱེར་) ཞེས་པ་གནང་ཡོད་པ་དང་།
ཐར་པ་གླིང་གི་བཤད་གྲྭ་(སྔ་འགྱུར་བཀའ་གཏེར་རིག་པའི་འབྱུང་གནས་གླིང་)ནས། འཛིན་རིམ་དགུ་པ་མཐར་སོན་པ་རྣམས་ལ་(ངེས་གསང་ལེགས་བཤད་མཛོད་འཆང་) ཞེས་པའི་ལག་ཁྱེར་དང་། འཛིན་རིམ་དྲུག་པར་(ཕར་ཕྱིན་རབ་འབྱམས་) ཀྱི་ལག་ཁྱེར། འཛིན་རིམ་བཞི་པར་(མཐའ་བྲལ་སྨྲ་བའི་དབང་ཕྱུག་) གི་ལག་ཁྱེར་བཅས་གནང་ཡོད།
སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་ཤོག །
ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །
སྤྱི་ཚེས་ ༢༦/༢/༢༠༢༦ ལ།
moenlam Chenmo Day 9
Chothruel Moenlamchenmo Day 8
21/02/2026
ཨོ་སྭསྟི།
OM Svasti!
སྙིགས་དུས་འགྲོ་བའི་སྐྱབས་གཅིག་པདྨ་འབྱུང་།།
In this degenerate age, Padma Jungne is the sole Protector of all beings.
དེ་ཡི་རྣམ་སྤྲུལ་ཀློང་ཆེན་རབ་འབྱམས་ཞབས།།
His emanation is the excellent Longchen Rabjam.
ཡང་སྤྲུལ་པདྨ་གླིང་པའི་གདུང་བརྒྱུད་མཆོག།
His reincarnation is Pema Lingpa, whose supreme you are.
མི་དབང་འཇིགས་མེད་གེ་སར་ཞབས་བརྟན་གསོལ།།
May Your Majesty King Jigme Khesar live long.
འབངས་མི་ཀུན་ལ་འཇིགས་མེད་སྐྱབས་ཀྱི་མཆོག།
You are the supreme fearless protector of your subjects
དགྲ་དཔུང་འཇོམས་ལ་གླིང་གི་གེ་སར་བཞིན།།
You are like King Gesar in conquering the enemy
ཕྱོགས་ལས་རྣམ་རྒྱལ་དབང་ཕྱུག་གདུང་བརྒྱུད་མཆོག།
You are the supreme Wangchuck heir who is victorious from all directions
མི་དབང་འཇིགས་མེད་གེ་སར་ཞབས་བརྟན་གསོལ།།
May Your Majesty King Jigme Khesar live long!
མཁྱེན་པའི་ཤེས་རབ་མུན་སེལ་ཉི་མ་འདྲ།།
Your wisdom is like the sun in clearing darkness.
བྱམས་དང་བརྩེ་བས་འབངས་རྣམས་བུ་བཞིན་སྐྱོང་།།
You cherish all subjects like your children with love and affection.
འབྲུག་གི་སྤྱི་ནོར་མི་དབང་ཆོས་ཀྱི་རྒྱལ།།
The precious jewel of Bhutan, the Dharma King,
སྐུ་ཚེ་བསྐལ་བརྒྱར་ཞབས་པད་བརྟན་གྱུར་ཅིག།
May your life remain firm for a hundred aeons.
ཅེས་བུམ་ཐང་ཐར་པ་གླིང་གི་བླ་རབས་དགུ་པ་ མཁན་པོ་ཚེ་དབང་བསོད་ནམས་སུ་འབོད་པས་བྲིས་པའོ།།
༉ ཆོས་རྒྱལ་བྱང་ཆུབ་སེམས་དཔའ་ ༧ དཔལ་མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་ལུ་བཀྲིས་བདེ་ལེགས་ཞུ་ནི་དང་འབྲེལ། བུམ་ཐང་ཐར་པ་གླིང་གྲྭ་ཚང་གི་ཁ་ཐུག་ལས་ མི་དབང་མཆོག་སྐུ་ཚེ་ཞབས་པད་བརྟན་ཅིང་། མཛད་འཕྲིན་དར་ཞིང་རྒྱས་ཏེ། ཐུགས་ཀྱི་དགོངས་བཞེད་ཚུ་འབད་མེད་ལྷུན་གྱིས་འགྲུབ་པར་ཤོག་ཅིག་ཟེར་བའི་སྨོན་ལམ་ཞུ།
Long Live His Majesty the King! 🇧🇹

20/02/2026
བུམ་ཐང་ཐར་པ་གླིང་དུ་མཁན་རིན་པོ་ཆེ་ཚེ་དབང་བསོད་ནམས་མཆོག་ནས་གསར་བཞེངས་གནང་བའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་ཁང་ནང་མཁན་རིན་པོ་ཆེ་བཀྲིས་མཆོག་ནས་རྒྱུ་ཟངས་སེར་ལས་གྲུབ་པའི་བཀྲིས་རྟགས་བརྒྱད་དང་གློག་གི་སྒྲོན་མེ་ཆེ་བ་གཅིག་ཕུལ་ཡོད་པའི་མཐོང་སྣང་།
སྦྱིན་བདག་མི་ནོར་འཁོར་བཅས་ལ།།
ཚེ་འདིར་བསམ་པའི་དོན་གྲུབ་ཅིང་།།
བར་ཆད་ཞི་ནས་བཀྲིས་པ།།
བསམ་པ་ཆོས་བཞིན་གྲུབ་པར་ཤོག།
མཁན་རིན་པོ་ཆེ་ཚེ་དབང་བསོད་ནམས་མཆོག་ནས་ཆོ་འཕྲུལ་སྨོན་ལམ་ཆེན་པོ་ཚོགས་གནང་མཁན་ཡོངས་ལ་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་བཀའ་ཆོས་གནང་བའི་མཐོང་སྣང་།
Chothruel moenlamchenmo day 3
Day 3
CHOTHRUEL MOENLAMCHENMO DAY 3
Click here to claim your Sponsored Listing.
Location
Category
Website
Address
Bumthang Chumey
Bumthang
975