Palden Lama

Palden Lama

Share

ཡང་དག་ལམ་བཟང་བྱང་ཆུབ་སེམས།

05/11/2025

ཕྱོགས་དུས་རྒྱལ་བའི་ཐུགས་རྗེ་གཅིག་བསྡུས་མགོན། །དྲུག་པ་སེང་གེ་བཅོམ་ལྡན་ཀརྨ་པ། །དུས་གསུམ་ཀུན་མཁྱེན་རིམ་པར་བྱོན་རྣམས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཆོས་དང་ཆོས་ཅན་གནས་ལུགས་མ་ནོར་བར། །ཇི་བཞིན་གཟིགས་ནས་མཁྱེན་པའི་ཡེ་ཤེས་རྒྱས། །འགྲོ་ཚོགས་ཡིད་ལ་ཀུན་དགའི་དཔལ་སྟེར་བ། །རིག་པའི་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །

26/06/2025

འཆི་མེད་རྩ་གསུམ་འདུས་ཞལ་ཨོ་རྒྱན་རྗེའི། །
ཐུགས་རྗེ་འགྲོ་འདུལ་ཕྲིན་ལས་གར་བསྒྱུར་བ། །
རྡོ་རྗེ་འཆང་དབང་སྐྱབས་མགོན་ཀརྨ་པའི། །
ཞབས་པད་བརྟན་ཅིང་མཛད་ཕྲིན་རྒྱས་གྱུར་ཅིག།
ཅེས་པའང་རིག་འཛིན་རྒྱལ་ཁམས་པ་བྱ་བྲལ་སངས་རྒྱས་རྡོ་རྗེས་བྲིས་སིདྡྷི་རསྟུ།།

Photos from Palden Lama's post 23/04/2025

རི་རྩ་ལ་གོམ་པ་མ་སྤོས་ན། རི་འགོ་ལ་ཅི་ལྟར་སླེབས།不从山脚起步 怎能到达山顶

23/02/2025

སྒྲོལ་མ་དམར་མོའི་བསྟོད་པ།

དཔལ་ལྡན་གསེར་གྱི་ཉི་མ་སྟོང་འབར་བའི། །གཟི་བྱིན་སྣང་བ་འབུམ་དུ་གདལ་བའི་སྐུ། །བདེ་ཆེན་ཡེ་ཤེས་རྒྱས་པའི་འོད་ཕུང་ཅན། །ཁམས་གསུམ་ཀུན་ཁྱབ་ལྷ་མོ་ཁྱོད་ལ་འདུད། །རབ་དམར་བྱི་རུའི་མདངས་འཕྲོག་ཨུཏྤལ་རྩེར། །དབང་མདོག་འགུག་བྱེད་འབར་བའི་འོད་རྣོན་གྱིས། །ས་གསུམ་སྐྱེ་དགུའི་བུང་བ་ཀུན་སྡུད་པ། །རྗེ་བཙུན་དཔྱིད་ཀྱི་དཔལ་མོ་ཁྱོད་ལ་འདུད། །སྨིན་འཁྱོག་ཨུཏྤལ་སྔོན་པོའི་གཞུ་བཀང་སྟེ། །ཟུར་མིག་སྐར་མདའ་འཕངས་པའི་ཡུད་ཙམ་གྱིས། །དྲེགས་ལྡན་སྙིང་གི་བརྟན་པ་རབ་འཕྲོག་ནས། །སྣང་སྲིད་བྲན་དུ་བཀོལ་བ་ཁྱོད་ལ་འདུད། །འཁྲིལ་ལྡེམ་ལྕུག་ཕྲན་གཞོན་ནུ་ལྟ་བུའི་ཕྱག །ཅུང་ཟད་བརྐྱངས་པས་སྲིད་ཞིའི་ཕུན་ཚོགས་ཀུན། །འབད་མེད་ལག་པའི་མཐིལ་དུ་ལེགས་སྩོལ་བའི། །ཡིད་བཞིན་དབང་གི་རྒྱལ་པོ་ཁྱོད་ལ་འདུད། །བསོད་ནམས་རྒྱ་མཚོའི་པིར་གྱིས་ལེགས་བྲིས་པའི། །མཛེས་སྡུག་ཀུན་གྱི་རྩེ་མོར་སོན་པ་ཁྱོད། །མཐོང་བས་ནུ་ལྡན་ཀུན་ལ་ཆགས་བྲལ་ཏེ། །ཁྱོད་སྐུ་དྲན་པའི་ཏིང་འཛིན་ཁོ་ནར་འཇུག །མི་ཕྱེད་དད་པའི་ལྕགས་ཀྱུས་རབ་དྲངས་བའི། །ཁྱོད་ཞབས་གཉིས་འཐུང་དབང་པོའི་བགྲོད་པ་ཅན། །གྲུབ་གཉིས་གསེར་གྱི་རྐང་གདུབ་འཁྲོལ་བའི་སྒྲས། །ཁོ་བོའི་རལ་པའི་ནགས་སུ་རྩེན་པར་མཛོད། །རབ་དྭངས་ཡིད་ཀྱི་པད་མཚོ་རྒྱས་པའི་དབུས། །སྙན་ཚིག་དབྱངས་བདུན་རྫོགས་པའི་ངང་མོ་དཀར། །ཟབ་ཡངས་མགྲིན་པའི་རྫ་རྔ་དར་དིར་གྱིས། །རྫོགས་ལྡན་དབྱར་གྱི་དགའ་སྟོན་འདྲེན་གྱུར་ཅིག །

ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེས་མཛད། སྤྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༢༢ ལ།

In Praise of Red Tara

Ablaze like a thousand glorious, golden suns,
Your body shines a million splendorous beams,
A burgeoning mass of light of great bliss wisdom.
I bow to you, goddess who pervades the three realms.

Atop a bright red lotus, the hue of coral,
You shine sharp rays of magnetizing light
That summons all bees, the beings on the three levels.
I bow to you, glorious lady of abundance.

The moment you draw the blue utpala bow
Of your arched brows and shoot the meteor dart
Of a glance, you steal vain beings’ firmness of heart.
I bow to you, who make the world and beings into your servants.

Extending slightly your willowy, lithe young arm,
You effortlessly deposit in our palms
All of the riches of existence and peace.
I bow to you, sovereign who fulfills all wishes.

To see you, who are the pinnacle of beauty,
Painted so well by the brush of an ocean of merit,
Frees us of lustful desires and absorbs us
In just the samadhi of recalling your form.

Your two feet move in the gait of an elephant king
Guided by the hook of unbreakable faith,
Jingling the golden anklets of the two siddhis—
Please stay in the forest of my matted locks!

In the blossoming lotus pond of a pure mind,
You are a white swan replete with all seven melodies.
May the rhythms of the drum—your deep, broad throat—
Bring on the feast of a summer of perfection.

Karmapa Ogyen Trinley Dorje
February 22, 2025

Translated by David Karma Choephel

29/01/2025

歲次乙巳新春吉祥!

在悠長的中華歷史中,有著不少關於「蛇」的故事,喻示著「蛇」的各種意涵;而在佛教中,也不乏各種以蛇為喻的經典。

蛇,靈活而充滿彈性,意喻著我們在面對人生無常時,要以善巧去應對,柔軟自如。蛇,又能脫皮重生,提醒著我們要時時通過修行,轉化習氣,成長蛻變。在佛教典故中,靈蛇也化為寶蓋,保護靜坐中的佛陀,不受暴雨侵襲。我們也應如是守護自心,修行不輟,風雨不改。最後,我們還要學習蛇的能屈能伸,張弛有度。無論身處何境,都可以不畏困苦,勇敢向前,迎向慧命的美好與光明!

祝願大家新年快樂!蛇得自在!

30/12/2024

We plan for the future, thinking we’ll have our present experience later. But when the future comes, we still don’t experience the present moment – because we’re already planning for the next future. So, we never get to experience what we planned. No wonder we're frustrated. 🙈

🎉

༧རྒྱལ་བའི་ཐུགས་དགོངས་མཐའ་དག་འཕྲལ་དང་མྱུར་དུ་སྒྲུབ་དགོས་པ་ལས་ཕྱིར་བཤོལ་དང་ལྷོད་གཡེང་ 30/08/2024

https://tibettimes.net/2024/08/29/236799/

༧རྒྱལ་བའི་ཐུགས་དགོངས་མཐའ་དག་འཕྲལ་དང་མྱུར་དུ་སྒྲུབ་དགོས་པ་ལས་ཕྱིར་བཤོལ་དང་ལྷོད་གཡེང་ ༧དཔལ་རྒྱལ་བ་ཀརྨ་པ་མཆོག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚེ་འདིར་ཐུགས་ལ་ཅི་བཞེད་པའི་དགོངས་པ་མཐའ...

18/06/2024

༄༅། །སྔགས་རྒན་བདག་གི་ལོ་རྒྱུས་ཀྱི་བསྡུས་དོན།
མཛད་པ་པོ། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།

བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེར(༡༩༠༤-༡༩༨༧)འབོད་པའི་རྒྱལ་ཁམས་པ་བདག་གི་སྐྱེ་ཡུལ་ནི་སྦས་ཡུལ་པདྨ་བཀོད། སྐྱེད་བྱེད་ཀྱི་ཕ་ནི་ཀ་གནམ་རྗེ་རིགས་ཀྱི་མི་རྒྱུད་ཁེངས་བླ་འཇམ་དཔལ་ནོར་བུ་དབང་རྒྱལ་གྱི་བུ་རུ། རབ་བྱུང་བཅོ་ལྔ་པའི་ཤིང་འབྲུག་ལོར་སྐྱེས།

ལོ་ངོ་གསུམ་ཙམ་ནས་བདུད་འཇོམས་གཏེར་ཆེན་གྱི་སྤྲུལ་སྐུར་ངོས་འཛིན་བྱས་ཏེ། གོང་མའི་ཞལ་སློབ་སོགས་ནས་བདག་གིར་བཟུང་སྟེ་ཆོས་སྒོར་བཅུག །ཡོན་ཏན་གྱི་རྩ་བ་འབྲི་ཀློག་ཡིན་ཞེས་དགེ་རྒན་ནས་སློབ་སྦྱོང་གི་ཞོར་ལ་དྲངས། ཞར་ལ་ཆོ་ག་ཆོས་སྤྱོད་སོགས་ཀྱི་དཔེ་འཛིན་དང་། སྒོ་གསུམ་སྤྱོད་ལམ་གང་ཅིར་ཉེས་འགོག་ལེགས་སྦྱོར་གྱི་སློབ་ཁྲིད་དང་འབྲེལ། ལོ་རྒྱུས་གཏམ་རྒྱུད། སྔོན་འགྲོའི་གོ་དོན་སོགས་ཁྲིད་ཚུལ་ཇི་སྙེད་པས་བློ་མིག་ཅུང་ཟད་ཕྱེ།

རིམ་གྱིས་ལོ་ན་བློ་ཚོད་དང་མཐུན་པར། སྔ་ཕྱིར་མཁས་གྲུབ་བླ་མ་རྣམས་ཀྱིས་བརྩེ་བས་རྗེས་སུ་བཟུང་སྟེ། བརྡ་དག་སྙན་གསུམ། རྩིས་སྨན་སྐོར་སོགས་ཐུན་མོང་རིག་གནས་ཁ་འཐོར། དབུ་ཕར་བྱམས་ཆོས། སྤྱོད་འཇུག །སྡོམ་གསུམ་སོགས་ཐུན་མིན་གཞུང་བཤད་འགའ་ཙམ། ཁྱད་པར་རང་ལུགས་སྔགས་རྒྱུད་བཀའ་གཏེར་རྒྱ་མཚོའི་སྨིན་གྲོལ་རྒྱུད་འགྲེལ་ཟབ་ཁྲིད་སོགས་གཙོ་བོར་བཟུང་། རྡོ་རྗེ་སློབ་དཔོན་གྱི་ལས་བཅུ་གསུམ་ནས་བརྩམས། སྒྲུབ་སྡེ་ཆོ་གའི་རྣམ་གཞག །གཏོར་བཟོ། རྒྱན་བཀོད། གར་ཐིག །དབྱངས་རོལ་ཚུན་རིག་འཛིན་བརྒྱུད་པའི་ཕྱག་བཞེས་རིས་སུ་མ་བོར་བར་སྦྱང་བརྩོན་ལ་འབད་འབུངས་བགྱིས།

སྐབས་སུ་སྔོན་འགྲོ་བསགས་སྦྱོང་ནས་བརྩམས། དངོས་གཞི་བསྐྱེད་རྫོགས་བསྙེན་སྒྲུབ་ཀྱི་ཉམས་ལེན་ཡང་བྲེ་གསོག་ཕུལ་གསོག་ཅི་ནུས་སུ་བརྩོན་ཁུལ་བྱས་མོད། འོན་ཀྱང་བླ་མའི་མིང་ངན་ཐོགས་པ་འདིས་བསླུས་ཏེ། བསྟན་དོན་འགྲོ་ཕན་དུ་བསྙད་པའི་རྣམ་གཡེང་གི་ཁོལ་པོར་འཕྱན་ནས། སྒྲུབ་པ་ཉམས་ལེན་གྱི་མངོན་རྟགས་ཡོན་ཏན་ནི་རུས་སྦལ་གྱི་སྤུའི་རྗེས་སུ་སོང་།

རང་ལ་ཆོས་ཀྱི་བདུད་རྩི་ཇི་ཙམ་ཐོབ་ཅིང་། ཐོས་པ་ཕལ་ཆེར་གཞན་སོ་སོའི་ངོ་སྐལ་དང་འཚམས་པར་འཆད་སྤེལ་གང་ནུས་སུ་བགྱིས།

མཁས་པའི་གྲལ་མི་གཤོག་ཀྱང་སྐུལ་བ་པོའི་ངོ་མི་ལྡོག་ཕྱིར་དང་། འགའ་ཞིག་བསྟན་པའི་ཞབས་ཏོག་ཏུའང་ཅུད་ཟད་འགྱུར་དུ་རེ་བས། བོད་སྔ་རབས་པའི་ཆོས་འབྱུང་དང་། རྙིང་བསྟན་རྣམ་གཞག །རྒྱལ་རབས། སྡོམ་གསུམ་འབྲུ་འགྲེལ། སྒྲུབ་སྐོར་མང་པོའི་ཆོག་ཁྲིགས། ཁྲིད་ཡིག་སོགས་ཀྱིས་མཚོན། རྩོམ་འཐོར་ཡོངས་བསྡོམས་པོད་གྲངས་བཅུ་ཕྲག་གཉིས་ལས་བརྒལ་བ་བྱུང་སོང་བ་ཐོས་པའི་ལག་རྗེས་རྩོམ་པར་བསྙད་དེ། རེ་དོགས་མེད་པར་དཔེ་ཐོག་ཏུ་བཀོད།

དོན་གྱི་སྙིང་པོ་འདྲེན་པའི་མཆོག་དམ་པ་རྣམས་ཀྱི་བཀའ་དྲིན་ལ་བརྟེན། དག་སྣང་གི་བློ་མིག་མ་ལྡོངས་ཙམ་ནས་གཞན་གྱི་ཆོས་དང་གང་ཟག་སུ་ལའང་ལོག་ལྟ་སྐུར་འདེབས་ཆོས་སྤོང་གི་ལས་ངན་བསགས་མ་མྱོང་ཞིང་། རང་སེམས་གཡོ་སྒྱུ་སྤངས་པའི་བསམ་པ་བཟང་པོ་ཞིག་ལ་རྟག་པར་སློབ་བཞིན་པ་ཡིན་སྟབས། སྟོན་པ་ཐུགས་རྗེ་ཅན་གྱི་འཁོར་རྣམ་བཞིའི་གྲལ་རིམ་འོག་མའི་ཁྱུར་མི་ཚུད་སྙམ་པའི་དོགས་པ་སྤུ་ཙམ་མེད་པས་ན། རེས་འགའ་རང་མཐོང་གི་བསམ་བློ་ཅུང་ཟད་རེའང་འཆར་ཡོང་གིན་འདུག་པ་འདི། དམ་པའི་ཆོས་དང་། མི་དགེའི་སྡིག་གང་ཡིན་ཆ་མ་འཚལ་བར་གནས་ཡོད་ཞུ་རྒྱུ་སྔགས་རྒན་བདག་གི་ལོ་རྒྱུས་ཀྱི་བསྡུས་དོན་ལགས་སོ། །

07/06/2024
Photos from Palden Lama's post 23/05/2024

ཐུབ་བསྟོད་ཚོགས་གཉིས་གཏེར་ཆེན་ལས།
༈ ཁྱོད་ཀྱི་ཡོན་ཏན་རྒྱ་མཚོའི་ཟེགས་མ་ཙམ། །མངོན་པར་བསྟོད་ལས་བྱུང་བའི་དགེ་བ་དེས། །ངན་རྟོག་རླུང་དམར་འཚུབ་མས་བསྐྱོད་པ་ཡི། །འགྲོ་བའི་སེམས་ནི་རྣལ་དུ་གནས་པར་ཤོག །འཆི་དང་གསོན་པའི་གནས་སྐབས་གང་དུའང་། །ཁྱོད་ལས་གཞན་པའི་སྐྱབས་བཟང་མ་མཆིས་པས། །སྐྱེ་བ་ཀུན་ཏུ་མགོན་པོ་ཁྱོད་ཉིད་ཀྱིས། །མཉེས་བཞིན་འཛིན་པའི་སྲས་སུ་བདག་གྱུར་ཅིག །ཕན་མཛད་ཁྱོད་ཀྱིས་སྐུ་ཚེ་དཔག་མེད་དུ། །ཡང་ཡང་བརྩོན་པས་བསྒྲུབས་པའི་རྒྱལ་བའི་བསྟན། །ཕན་བདེའི་འབྱུང་གནས་གཅིག་པུ་འདི་ཉིད་ཀྱང་། །ཕྱོགས་དུས་ཀུན་ན་དར་ཞིང་རྒྱས་གྱུར་ཅིག །སྟོན་མཆོག་དམ་པའི་རྗེས་སུ་ཞུགས་པ་རྣམས། །ཕན་ཚུན་རྩོད་པའི་ཆགས་སྡང་རབ་ཞི་ནས། །བསྟན་པའི་ངང་ཚུལ་ཤེས་པའི་སྐྱེ་བོ་ཡིས། །འཛམ་གླིང་ས་ཆེན་ཡོངས་སུ་གང་བར་ཤོག །བསྟན་པ་ཚུལ་བཞིན་འཛིན་ལ་བརྩོན་པ་ན། །འཇིག་རྟེན་འཇིག་རྟེན་འདས་པའི་སྲུང་མས་ཀྱང་། །གཅེས་པའི་བུ་ལ་བརྩེ་བའི་མ་བཞིན་དུ། །གཡེལ་བ་མེད་པར་རྟག་ཏུ་གྲོགས་མཛོད་ཅིག །
༧རྒྱལ་དབང་ཀརྨ་པ་བཅུ་བདུན་པ།

Want your business to be the top-listed Government Service in Delhi?

Click here to claim your Sponsored Listing.

Location

Category

Address


Delhi