02/17/2026
Tashi Lamsang for North-South America Chithue 2026
བཀྲ་ཤིས་ལམ་བཟང་། ལྷོ་བྱང་ཨ་རིའི་སྤྱི་འཐུས་འོས་མི།
བོད་དང་བོད་མིའི་ཆེད་དུ། ཅི་ཞིག་སྒྲུབ་ཐབས་ལ་བརྩོན་པ་ལས། གང་ཞིག་ཐོབ་ཐབས་ལ་འབད་འདོད་མེད།
ངའི་བླ་མ་ནི་རྒྱལ་བ་རིན་པོ་ཆེ་ཡིན།
ངའི་རྒྱལ་ཁབ་ནི་བོད་ཡིན།
ངའི་གཞུང་ནི་བཙན་བྱོལ་བོད་གཞུང་ཡིན།
ངའི་སྐྱེས་ཡུལ་ནི་བོད་ཡིན།
ངའི་འཚར་ཡུལ་ནི་འཕགས་ཡུལ་ཡིན།
ངའི་སྡོད་གནས་ནི་ནུབ་གླིང་ན་ཡིན།
ངའི་སེམས་པ་ནི་བོད་ལ་ཕྱོགས་ཡོད།
ངའི་སྐད་ཡིག་ནི་བོད་ཡིག་ཡིན།
ངའི་ཤ་ཁྲག་ནི་བོད་པ་ཡིན།
ངའི་སྤུན་ཟླ་ནི་བོད་མི་ཡིན།
ང་ནི་བོད་དང་བོད་མིར་དགའ་བས།
ངས་བོད་དང་བོད་མིའི་དོན་དུ་ཅི་ཡང་སྒྲུབ།
02/17/2026
02/13/2026
༄། ། ཤ་རུས་གདུང་རྒྱུད་གཅིག་པའི་གཞིས་བྱེས་སྤུན་ཟླ་ཡོངས་ལ་དེ་རིང་དམིགས་བསལ་གྱི་ཉིན་མོ་འདིར་འཚམས་འདྲི་ཞུ་རྒྱུ་དང་ཆབས་ཅིག ཉེ་ཆར་རང་རེའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྐབས་རྒྱལ་ཞེན་ལྷག་བསམ་ཅན་གྱི་འཐབ་གྲོགས་དང་། གྲོགས་པོ་གྲོགས་མོ། ནང་མི་གཉེན་ཉེ་སོགས་གངས་ཅན་པ་མང་པོ་ཞིག་གིས་བོད་དང་བོད་མིའི་རྩ་དོན་གཙུག་ཏུ་བསྐུར་ཏེ་གུས་པའི་རྒྱལ་ཞེན་ལྷག་བསམ་དང་ཉམས་མྱོང་། འཆར་སྣང་སོགས་ལ་ཡིད་ཆེས་ཀྱིས་རྒྱབ་སྐྱོར་ཤུགས་ཆེ་གནང་བར་སྙིང་དབུས་ནས་བཀའ་དྲིན་ཆེ་ལན་བརྒྱར་ཞུ་རྒྱུ་ཡིན། ད་ཐེངས་ཀྱི་འོས་བསྡུའི་ཁྲོད་ང་ཚོའི་དམིགས་ཡུལ་དང་རེ་བ་མ་འགྲུབ་པ་དེར་བློ་ཕམ་དང་ཡིད་ཆད་གནང་མི་དགོས། དེ་བས་ཀྱང་སེམས་ཤུགས་ཆགས་མི་ཉན།
ང་ཚོས་ད་ཐེངས་ཀྱི་འོས་བསྡུའི་དྲིལ་བསྒྲགས་བརྒྱུད་བོད་ཀྱི་མདུན་ལམ་དང་བོད་མིའི་སྤྱི་ཚོགས་ལ་སྨན་པའི་གནད་དོན་དང་བསམ་ཚུལ་མང་པོ་ཞིག་གླེང་སློང་བྱེད་ཐུབ་ཡོད་པ་དང་། གཞིས་བྱེས་གཉིས་སུ་ཟུར་གནས་ཀྱི་རྒྱལ་ཞེན་པ་མང་པོར་རེ་བ་གསར་པ་ཞིག་བསྐྲུན་ཐུབ་པ་བྱུང་ཡོད། དེ་བཞིན་སྔར་འབྲེལ་བ་མེད་པའི་རྒྱལ་ཞེན་ལྷག་བསམ་ཅན་གྱི་མི་སྣ་མང་པོ་ཞིག་ཀྱང་ཕན་ཚུན་ངོ་ཤེས་དང་ཡིད་ཆེས་ཐུབ་པའི་འཐབ་གྲོགས་ལ་གྱུར་ཡོད། འདི་ནི་ང་ཚོ་ཉུང་ཤས་ཤིག་གིས་དུས་ཚོད་ཐུང་ཐུང་ཞིག་གི་ནང་བོད་ལ་ཕུལ་བའི་ལེགས་སྐྱེས་ཆེན་པོ་ཞིག་དང་བློ་ཡིད་འཚིམ་པའི་བྱ་བའམ་གནད་དོན་གལ་ཆེན་ཞིག་ཆགས་ཡོད།
ང་ཚོའི་དམིགས་ཡུལ་ནི་བོད་དང་བོད་མིའི་རྩ་དོན་སྒྲུབ་རྒྱུ་དེ་ཡིན་པས། སྤུན་ཟླ་ས་ཡ་ལྷག་གི་ཚེ་སྲོག་བཙན་གནོན་འོག་ཤོར་ཡོད་པ་དང་། དཔའ་བོ་བརྒྱ་ཕྲག་གི་ལུས་སྲོག་ང་ཚོའི་དམིགས་ཡུལ་དེའི་ཆེད་དུ་མེར་མཆོད་ལ་ཕུལ་བའི་དོན་དངོས་ཀྱི་གནས་ཚུལ་སེམས་ནས་མ་བརྗེད་པར་མུ་མཐུད་ནས་རང་ནུས་གང་ཡོད་ཀྱིས་བོད་དོན་ཐོག་ནུས་པ་མཉམ་སྤུངས་དགོས་པ་དེ་ང་ཚོའི་གཡོལ་དུ་མེད་པའི་ལས་འགན་དང་འགྱུར་བ་མེད་པའི་ཆོས་སེམས་ཤིག་ཡིན་དགོས་པ་ཐུགས་འཇག་གནང་རོགས་ཞུ་རྒྱུ་ཡིན།
མཐའ་དོན་ཚད་མཐོའི་འོས་ཤོག་ཐོབ་པའི་སྲིད་སྤྱི་གཉིས་ཀྱི་འོས་མི་རྣམ་པར་འཚམས་འདྲི་ཞུ་རྒྱུ་དང་། བོད་དང་བོད་མིའི་རྩ་དོན་ལ་སྔར་ལྷག་གྲུབ་འབྲས་ལྡན་པ་དང་སྤྱི་ནོར་༧གོང་ས་༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་ཞུས་ཀྱིས་གཞིས་བྱེས་མཉམ་འཛོམས་ཀྱི་དུས་བཟང་གང་མགྱོགས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
སྤྱི་ཆེན་བཀྲ་ཤིས་ལམ་བཟང་ནས།
སྤྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡༣ ཉིན།
02/13/2026
Tashi Delek,
With humility and gratitude, I thank my family, volunteers, supporters, and every Tibetan who participated in this election. Your faith, effort, and engagement gave meaning to this democratic moment.
I accept the result with respect. The people have spoken, and we honor the majority as per our democratic system. Democracy is not about winning alone; it is about conscience, courage, and collective responsibility.
While I formally concede the North and South America Chithue 2026 election, I do not concede the lifelong struggle for the just cause of Tibet. I extend my congratulations to the winners of the preliminary election and wish them wisdom and strength in their service to our people and our cause.
I am especially grateful to our elders, whose wisdom transcends elections. I recall an elderly Popo-la from San Francisco who supported me out of conviction, recognizing my lived experience of the Tibetan struggle both inside Tibet under Chinese rule and outside Tibet as part of the diaspora. Another elder described my journey as the rise of a lotus amidst mud, reminding me that perseverance and dignity can grow even in the most difficult circumstances. I will carry these blessings for the rest my life.
Throughout this journey, I made four commitments: to uphold the values of His Holiness the Dalai Lama; to strengthen unity; to remain accessible and accountable to our people; and to empower our youth with identity, leadership, and purpose.
These commitments do not end with elections. They are not bound by election results but rather lifelong commitments. I pledge to uphold them for the rest of my life, irrespective of any position I may or may not hold.
To all electors, I extend my respect. This moment calls us not to divide, but to move forward together.
This is not the end, nor is it a setback.
This is the beginning of a deeper commitment.
With gratitude, determination, and unwavering faith in our people, I remain committed to Tibet and the Tibetan people.
Tashi Lamsang
Feb 13, 2026
Name: Tashi Lamsang
Native Origin : Phenpo
Current residence : New York
Current work: Teacher
ཊོ་རོན་ཊོ་ཚོགས་ཟུར་བསོད་ནམས་ལགས་ཀྱིས་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ། སྐུ་ཉིད་ཀྱི་རེ་བ་དང་ཡིད་ཆེས་ཆུས་ཟོས་སུ་མ་འགྲོ་བ་ཞུ་གི་ཡིན། ང་ཚོ་མཉམ་དུ་བོད་ཀྱི་ཆེད་དུ་མདུན་སྐྱོད་བྱ།
Thrilled to have the support of Sonam Lankar la, respected Tibetan community leader and former President of Tibetan Canadian Cultural Center. 🙏🏽 I'll honor the trust you've placed in me.
Let's bring change and unity to empower young generations and build a better future for Tibet.
Name: Tashi Lamsang
Native Origin : Phenpo
Current residence : New York
Current work: Teacher
ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བོད་ཀྱི་ཆེད་དུ་ནུས་པ་སྤུངས་རོགས་ཞུ་རྒྱུ་ཡིན།
THANK YOU everyone who's stood with me on this journey! Your support matters for Tibet. If you believe in the change we're working towards – unity, youth empowerment, for a brighter future of Tibet – let's push forward TOGETHER!
Name: Tashi Lamsang
Native Origin : Phenpo
Current residence : New York
Current work: Teacher
ཚེ་རིང་དཔལ་ལྡན་ལགས་ཀྱི་རེ་བ་དང་ཡིད་ཆེས་ཆུས་ཟོས་སུ་མ་འགྲོ་བ་ཞུ་གི་ཡིན།
Gratitude to Tsering Palden la for supporting Tashi Lamsang for North America Chithue! 🙏🏽 I'll honor the trust you've placed in me.
Let's bring change and unity to empower young generations and build a better future for Tibet.
Check out full vide on the link bellow;
👉🏼 https://youtu.be/8Ko3XbE53u0?feature=shared
01/28/2026
རྟ་མགྲིན་རྡོ་རྗེ་ལགས་ཀྱི་ཡིད་ཆེས་དང་རེ་བ་ཆུད་ཟོས་སུ་མ་འགྲོ་བ་ཞུ་གི་ཡིན།
Gratitude to Tamding Dojee la for supporting my candidacy for North America Chithue! 🙏🏽 I'll honor the trust you've placed in me.
Let's bring change and unity to empower young generations and build a better future for Tibet.
Check out full vide bellow
👉🏼 https://youtu.be/vCgMcBjh7eE?si=V9bnZMkyR6-J3e0n
01/27/2026
ལྷོ་བྱང་ཨ་རིའི་སྤྱི་འཐུས་འོས་མི། བཀྲ་ཤིས་ལམ་བཟང་།
Together, we can bring change and unity to empower youth and build a better future for Tibet. I honor your trust and will make every supporter proud
Click here to claim your Sponsored Listing.
Location
Category
Website
Address
New York, NY
11373
