03/25/2026
༄༅།། ལོ་གསར་ལ་བཀྲིས་བདེ་ལེགས་ཞུ།
གཟའ་མཇུག་འདིར། ང་ཚོའི་ལས་ཁུངས་ངོས་ནས་བྷོ་ཊེ་ཀ་ཤི་ས་མཇ་ (Bhotekashi Samaj) ཚོགས་པས་གོ་སྒྲིག་བྱས་པའི་མེ་རྟའི་ལོ་གསར་གྱི་མཛད་སྒོ་བཅར་བ་དང་། འདི་གའི་ལས་བྱེད་བསྟན་འཛིན་ཚེ་དབྱངས་ནས་འཚམས་འདྲི་དང་། དེ་བཞིན་ ICE དང་འབྲེལ་ནེའུ་ཡོག་གྲོང་ཁྱེར་གྱི་སྐྱབས་བཅོལ་གྲོང་ཁྱེར་གྱི་ཁྲིམས་ལུགས་། རང་ཉིད་དང་རང་ཉིད་ཀྱི་གཉེན་སྤུན། རོགས་པ་བཅས་བཀག་ཉར་གནས་ཚུལ་བྱུང་རིགས་ལ་ཁྲིམས་མཐུན་ལམ་སྟོན་ཁག་ཞུས་ཐུབ་པ་བྱུང་། དེ་མཚུངས་དེ་ཉིན་སྐད་རིགས་གསུམ་ (དབྱིན་ཇི། བོད་ཡིག་དང་བལ་པོའི་སྐད་ཡིག) ཐོག་ ICE དང་འབྲེལ་ཁྲིམས་མཐུན་ལམ་སྟོན་དེབ་གཟུགས་ཅན་གྲངས་ ༣༠༠ བགོ་འགྲེམས་ཞུས།
གོ་སྐབས་འདིའི་བརྒྱུད་ Bhotekashi Samaj ནས་འདི་ག་ལོ་གསར་མཛད་སྒོར་མགྲོན་འབོད་གནང་བར་ཐུགས་རྗེ་ཆེ་ཞུ། ང་ཚོས་མུ་མཐུད་མཉམ་ལས་བྱས་ནས་སྤྱི་ཚོགས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན།
#ལོ་གསར་བཀྲ་ཤིས་བདེ་ལེགས། #གནས་སྤོ་བའི་ཐོབ་ཐང་།
MOIA celebrated the Year of the Fire Horse 2153 at a Losar event hosted by Bhotekashi Samaj,a community organization serving Tibetan and Nepali-speaking New Yorkers.
During the event, our team shared information on Know Your Rights (KYR) with ICE, NYC’s Sanctuary City Law, and what to do if friends or family members are detained by ICE. We also distributed three multilingual resource booklets to more than 300 attendees.
MOIA is proud to make immigrant rights resources accessible in languages beyond the city’s top 10, including Tibetan and Nepali, so that more communities can stay informed and protected.
Thank you to Bhotekashi Samaj for inviting MOIA to your first community event. We look forward to continuing this partnership and supporting the community together!
02/17/2026
༄༅།། བོད་རྒྱལ་ལོ་ ༢༡༥༣ རབ་གནས་མེ་རྟའི་ལོའི་གནམ་ལོ་གསར་ཚེས་ལ་འཚམས་འདྲི་ཞུ། རྟ་ནི་ལོ་རྟགས་བཅུ་གཉིས་ཀྱི་ནང་ནས་ཆེས་བཀྲ་ཤིས་པའི་སེམས་ཅན་དུ་བརྩི་བ་དང་། མེ་ནི་གསོན་ཤུགས་དང་། ནུས་པ། དེ་བཞིན་དུ་ཆོས་ཕྱོགས་ཀྱི་འགྱུར་བ་མཚོན་གྱི་ཡོད་ན།
ནིའུ་ཡོག་གྲོང་ཁྱེར་སྤྱི་ཁྱབ་ལས་ཁུངས་ཀྱི་ཕྱི་མི་གནས་སྤོ་བའི་སྡེ་ཚན་ནས་ལོ་གསར་ལ་སྲུང་བརྩི་ཞུ་མཁན་ཚང་མར་བདེ་སྐྱིད། སྙིང་སྟོབས་དང་། འགྱུར་བ་ཆེན་པོ་ཡོང་བའི་ལོ་གསར་བཀྲིས་བདེ་ལེགས་ཞུ།
Wishing all Tibetan and Himalayan New Yorkers a joyful and transformative Losar.
May this Fire Horse year bring courage, renewal, and powerful winds of positive change.
Happy Male-Fire Horse Year 2153! 🌸🎉
02/16/2026
༄༅།། དགུ་ཐུག་ལ་བཀྲ་ཤིས་བདེ་ལེགས་ཞུ། དགུ་ཐུག་ནི་ཉི་ཤུ་དགུ་ཉིན་ལ་སྲུང་བརྩི་བྱེད་པ་དང་། དེ་ནི་བག་ཐུག་བཟས་ནས་ནང་མི་མཉམ་འཛོམས་བྱེད་པའི་སྲོལ་རྒྱུན་ཞིག་རེད། "དགུ་" ཞེས་པ་དགུ་དང་། "ཐུག་" ཞེས་པ་ཐུག་པ་ཞེས་པའི་མིང་ཐུང་ཡིན་པ་དང་། དེ་ནི་རྒྱུ་ཆ་དགུ་ནས་བཟོས་པའི་ཐུག་པ་ཞིག་རེད། 🍲 དགུ་ཐུག་གི་ཕོར་པ་རེ་རེའི་ནང་དུ་དངོས་པོ་ཞིག་ཡོད། ཡི་གེ་དེས་ལོ་གསར་པའི་ནང་མི་དེར་གང་འབྱུང་སྲིད་པ་སྟོན་གྱི་ཡོད་དེ། དཔེར་ན་སེམས་བཟང་ཅན། ཁོང་ཁྲོ་ཅན། ལེ་ལོ་ཅན། ཡང་ན་བསོད་ནམས་ཅན། ☀️🌙 ཤོག་བུའི་ཐོག་འབྲི་བ་ནི་དེང་སང་གི་ལུག་སྲོལ་གསར་པ་ཡིན། སྲོལ་རྒྱུན་ལྟར་ན་དེ་ནི་ཐུག་པའི་ནང་གི་དངོས་པོ་ཞིག་རེད།
གྲོང་ཁྱེར་སྤྱི་ཁྱབ་ལས་ཁུངས་ནས་བོད་མི་དང་སྲུང་བརྩི་ཞུ་མཁན་ཚང་མར་ལོ་རྙིང་པ་བཞག་ནས་ལོ་གསར་པ་ལ་ལམ་གྲོ་དང་། ཁྱིམ་ཚང་གཙང་མ་བཟོས་ནས་བསོད་ནམས་བསུ་བར་སྨོན་འདུན་ཞུ། 🌱
་ #ལོ་གསར་ #ནེའུ་ཡོག་གྲོང་ཁྱེར། #བོད། #ལོ་གསར།
Happy Guthuk! Guthuk, observed on Nyishugu, meaning the 29th day, is eaten the night before Nakhang (Losar Eve, the Tibetan &
Himalayan New Year) is a tradition of family gathering over Bhakthuk, a soup. 'Gu' means nine, and 'thuk' short form for thukpa is a soup dish made of nine ingredients 🍲 Each bowl of Guthuk contains an item or an item written on paper inside a bigger ball of dough. Each message suggests what the person can anticipate for the coming year, such as kind-hearted, short-tempered, lazy, or fortunate ☀️🌙 on paper is a contemporary practice, traditionally it is an item inside the dough ball
MOIA wishes everyone fresh beginnings as we leave behind the past year and clean our homes to welcome good fortune in the year to come! 🌱
NewYorkCity
01/16/2026
༄༅།། སོ་ནམ་པའི་ལོ་གསར་བདེ་སྐྱིད་ལྡན་པར་སྨོན། ལོ་སར་ནི་འདས་ཟིན་པའི་ལོ་གཅིག་ལ་བསམ་ཞིབ་དང་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་དང་དར་རྒྱས་ཡོང་བར་དགའ་བསུ་ཞུ་བའི་དུས་ཡིན། ང་ཚོའི་ལས་ཁུངས་ནས་་མེ་རྟའི་ལོ་ ༢༡༥༣ ལོར་དར་རྒྱས་དང་། བདེ་སྐྱིད་ཕིན་སུམ་ལྡན་པའི་ལོ་ཞིག་ཡོང་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན།
“Lo" meaning Year, and "Sar" meaning New; Sonam Losar celebrated as the Farmer's New Year to mark end of harvest in many Asian countries, including Tibet, Nepal, India, and beyond. Losar offers us a time of reflection on the past year and welcomes good karma and prosperity in the New Year. MOIA wishes prosperity, strength, well-being, and happiness for the year of the Fire Horse, 2153, to all New Yorkers who celebrate!
12/15/2025
༄༅།། བདུན་ཕྲག་སྔོན་མར་ང་ཚོའི་ལས་ཁུངས་ཀྱིས་ནིའུ་ཡོག་གྲོང་ཁྱེར་གྱི་གནས་སྤོ་བའི་མི་རིགས་ཀྱི་སྤྱི་ཚོགས་ལ་གུས་བརྩི་ཞུས་ཏེ། ཁོང་ཚོའི་ཤུལ་བཞག་བརྒྱུད་ནས་གནས་སྤོ་མི་རིགས་ཀྱི་གནས་སྡོད་ས་ཁུལ་གྱི་རི་མོའི་འགྲེམས་སྟོན་ཞིག་གོ་སྒྲིག་བྱས་པ་ཡིན།
སྤྱི་ཚོགས་ཀྱི་མཉམ་ལས་པ་དང་མཉམ་དུ་ང་ཚོས་སྤྱི་ཚོགས་མི་འདྲ་བ་ཉེར་གསུམ་མཚོན་པའི་རི་མོ་ཉེར་གསུམ་འགྲེམས་སྟོན་བྱས་ཡོད་པ་དང་། དེའི་ནང་དུ་“བོད་ཆུང་ཆུང་”ཞེས་པ་དེ་ཡང་ཚུད་ཡོད། ང་ཚོ་བོད་ཀྱི་སྤྱི་ཚོགས་ཀྱི་ཚོགས་མི་ཁ་ཤས་དང་། དེ་བཞིན་གནས་སྤོ་མི་རིགས་ཀྱི་འགོ་ཁྲིད་མང་པོ་མཉམ་ཞུགས་བྱས་པར་དགའ་པོ་བྱུང་། བྱེད་སྒོ་དེའི་པར་རིས་དང་ང་ཚོའི་“བོད་ཆུང་ཆུང་”གི་རི་མོ་ངེས་པར་དུ་གཟིགས་རོགས། རི་མོ་དེས་ནིའུ་ཡོག་གྲོང་ཁྱེར་ལ་བོད་ཀྱི་གནས་སྤོ་མི་རིགས་ཀྱིས་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་ཕུལ་བའི་ལེགས་སྐྱེས་ལ་བསྔགས་བརྗོད་ཞུས་ཡོད་པ་དང་། ང་ཚོའི་ཕུན་སུམ་ཚོགས་པའི་ཤུལ་བཞག་མཚོན་ཡོད།
Last week, our office celebrated the diverse and vibrant immigrant communities of New York City by honoring their heritage through an Immigrant Enclave Illustration Series Exhibit.
In collaboration with community partners, we showcased 23 illustrations representing 23 different communities, including “Little Bhod-Tibet.” We were pleased to have some Tibetan community members join us, along with many other immigrant community leaders. Be sure to check out the pictures from the event and our “Little Bhod-Tibet in Queens” illustration, which pays tribute to over 30 years of contributions from Tibetan immigrants to New York City and highlights our rich heritage.
12/10/2025
སྤྱི་ལོ་ ༡༩༨༩ ཟླ་ ༡༢ ཚེས་ ༡༠ ཉིན་བོད་ཀྱི་དབུ་ཁྲིད་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཚེ་མེད་ཞི་བ་དང་། བཟོད་སྒོམ། སྤྱི་སྙོམས་བྱམས་བརྩེ་བཅས་ཀྱི་མཛད་རྗེས་རླབས་ཆེན་ལ་བརྟེན་ནས་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ཡོད། དེ་རིང་གྲོང་ཁྱེར་སྤྱི་ཁྱབ་ལས་ཁུངས་ཕྱི་མི་གནས་སྤོ་བའུ་སྡེ་ཚན་ནས་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བཞིན་ཡོད། དེ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེན་པོ་ཞུ་མཁན་བོད་རིགས་རྣམས་ལ་མཚོན་ན་དོན་སྙིང་ལྡན་པའི་ཉིན་མོ་ཞིག་ཡིན། ང་ཚོའི་ལས་ཁུངས་ནས་ཁོང་གི་དབུ་ཁྲིད་ལ་མིག་དཔེ་བལྟས་ཏེ་འཚེ་མེད་ཞི་བ་དང་བྱམས་བརྩེ་ཐོག་ནས་ཞབས་ཞུ་དང་དབུ་ཁྲིད་བྱ་རྒྱུའི་དམ་བཅའ་འཇོག་རྒྱུ་ཡིན།
On December 10, 1989, His Holiness the 14th Dalai Lama of Tibet received the Nobel Peace Prize in recognition of his exemplary commitment to non-violence, tolerance, and universal compassion. Today, the Mayor's Office of Immigrant Affairs commemorates the 36th Anniversary of the Conferment of Nobel Peace Prize Award which is a significant day for Tibetan New Yorkers who revere His Holiness the 14th Dalai Lama and follows his path. Our office takes inspiration from his leadership and commits to serve and lead with peace, non-violence, and compassion.
12/09/2025
༄༅།། འདི་གའི་ལས་ཁུངས་འགན་འཛིན་སྐུ་ཞབས་ Commissioner Manuel Castro དང་ལས་བྱེད་བསྟན་འཛིན་ཚེ་དབྱངས་གཉིས་ནས་སྤྱི་ནོར་ ༧ གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོར་ལྦའི་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་ནས་ལོ་ ༣༦ འཁོར་བའི་མཛད་རིམ་ལ་བཅར་དེ་ནིའུ་ཡོག་གནས་བསྡོད་བོད་མི་མཉམ་དུས་དྲན་སྲུང་བརྩི་ཞུ་རྒྱུའི་གོ་སྐབས་བྱུང་བར་དགའ་སྤྲོ་ཆེ། ༸གོང་ས་མཆོག་གི་བྱམས་བརྩེ་དང་ཞི་བདེའི་མཛད་འཕྲིན་རྣམས་ལ་དམིགས་དཔེ་ཟིན་ཏེ། ང་ཚོས་སྤྱི་ཚོགས་ལ་བྱམས་བརྩེའི་སྒོ་ནས་ཞབས་འདེགས་ཞུ་རྒྱུ་དང་ཞི་བདེའི་སྒོ་ནས་འགོ་ཁྲིད་བྱ་རྒྱུར་ཆོད་སེམས་བརྟན་པོ་ཡོད།
December 10th 1989; His Holiness the 14th Dalai Lama was awarded the prestigious Nobel Peace Prize! Commissioner Manuel Castro and staff member Tseyang Tenzin joined the celebration of the 36th Anniversary of His Holiness the 14th Dalai Lama’s Nobel Peace Prize and his legacy of compassion! His Holiness’s work for global peace and compassion guides our work every day. We are committed to serving our communities with compassion and leading with peace.
12/05/2025
༄༅།། རྒྱལ་སྤྱིའི་དང་བླངས་ཞབས་ཞུ་ཉིན་མོར་ང་ཚོའི་ལས་དོན་ལ་རྒྱབ་སྐྱོར་གནང་མཁན་རྒྱ་ཕྲག་མང་པོར་ཐུགས་རྗེ་ཆེ་ཞུ། ང་ཚོའི་ལས་ཁུངས་ཀྱི་དང་བླངས་ཞབས་ཞུ་བའི་རུ་ཁག་ནང་སྐད་ཡིག་མི་འདྲ་བ་ ༥༦ མཚོན་ཡོད། དང་བླངས་ཞབས་ཞུ་བ་ཚོས་ཆུ་ཚོད་ ༥༧༢ ལྷག་གི་རིང་གནས་སྤོ་བྱས་པའི་ནིའུ་ཡོག་མི་མང་ལ་ཞབས་ཞུ་དང་འབྲེལ་མཐུད། ལྟ་སྐྱོང་བཅས་ཀྱི་ཆེད་དུ་ཞབས་འདེགས་ཞུས་ཡོད། དང་བླངས་ཞབས་ཞུ་བྱེད་སྟངས་སྐོར་ཤེས་རྟོགས་བྱེད་པར་nyc.gov/immigrants ལ་གཟིགས། 🙋🏿♂️👩🏽💻🧑🏻💼
On International Volunteer Day, MOIA thanks the hundreds of volunteers who supported our work. Our volunteers have contributed more than 572 hours to reach immigrant New Yorkers with service information, connections, and care. Visit nyc.gov/immigrants to learn more about volunteering with MOIA
10/28/2025
༄༅།། ད་རིང་རྒྱལ་ཡོངས་ཕྱི་མི་གནས་སྤོས་ཉིན་མོ་ཉིན་ MOIA ལས་ཁུངས་ནས་ནེའུ་ཡོག་གནས་བསྡོད་ཕྱི་མི་གནས་སྤོས་བ་རྣམས་ཀྱི་ཁྲིམས་མཐུན་ངོ་ཚབ་མཚོན་ཐུབ་པའི་མུ་མཐུད་ཁས་ལེན་ཞུས་རྒྱུ་ཡིན། ཕྱི་མི་གནས་སྤོའི་ཁྲིམས་ལུགས་རོགས་རམ་ཐོག་ 📃💌 མང་ཙམ་ཤེས་འདོད་ཡོད་ན། nyc.gov/legalsupport ལ་གཟིགས།"
"Today, National Immigrants Day, MOIA reaffirms our commitment to uplift immigrant New Yorkers 🫴🏽This morning, MOIA underscores the importance of legal representation for immigrants in our testimony to the NYC City Council 🗣️⚖️ We thank our citywide partners for providing essential services and free, safe, immigration legal help 📃💌 To learn more, visit nyc.gov/legalsupport
09/26/2025
རྒྱལ་སྤྱི་མོག་མོག་ཉིན་བཀྲིས་བདེ་ལེགས་ཞུ།
Happy International Dumpling Day, New Yorkers!
09/24/2025
ནིའུ་ཡོག་གྲོང་ཁྱེར་སྤྱི་ཁྱབ་ལས་ཁུངས་ཀྱི་ཕྱི་མི་གནས་སྤོ་བའི་སྡེ་ཚན་མཉམ་དབྱིན་ཡིག་དང་དབྱིན་སྐད་སྦྱང་།
Learn English with Mayor's Office of Immigrant Affairs🌼
We Speak NYC
Helping immigrants in NYC learn English