Tibetan Parliament-in-Exile

Call Directions Website Contact the organization

Tibetan Parliament-in-Exile The Tibetan Parliament-in-Exile is the highest legislative body of the Central Tibetan Administration (CTA). Established and based in Dharamsala, India.

It is one of the three pillars of Tibetan democratic governance – the Judiciary, Legislature, and the Kashag (Executive). The Tibetan Parliament in Exile (TPiE) is the unicameral and highest legislative organ of the Central Tibetan Administration.

Richard Gere, Chair of the International Campaign for Tibet (ICT), Hollywood actor, and longtime friend of Tibet, accomp...
31/10/2026

Richard Gere, Chair of the International Campaign for Tibet (ICT), Hollywood actor, and longtime friend of Tibet, accompanied by ICT President Tenchoe Gyatso, met with Speaker Dolma Tsering Teykhang and Deputy Speaker Khenpo Sonam Tenphel this morning, 31 October 2026, at the Tibetan Parliament-in-Exile.

During the meeting, they held a very productive discussion on the Tibetan cause, with a particular focus on future collaboration and potential joint programmes. The Speakers expressed their appreciation for and acknowledged ICT’s continued efforts in raising awareness of the Tibetan cause and amplifying the voices of Tibetans on the global stage.

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༣༡ ཉིན་སྔ་དྲོ་ཚོགས་གཙོའི་ལས་ཁུངས་སུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚ...
31/10/2026

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༣༡ ཉིན་སྔ་དྲོ་ཚོགས་གཙོའི་ལས་ཁུངས་སུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་རི་ཆ་ཌི་ གྷིར་ (Richard Gere) ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྤྱི་ཟུར་བསྟན་ཆོས་རྒྱ་མཚོ་ལགས་རྣམ་གཉིས་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་དང་འབྲེལ་བའི་གནད་དོན་འདྲ་མིན་ཐོག་བཀའ་བསྡུར་གནང་བ་མ་ཟད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱལ་སྤྱིའི་ནང་བོད་དོན་དང་འབྲེལ་བའི་ལས་དོན་སྤེལ་ཕྱོགས་ལ་བསྔགས་བརྗོད་དང་འབྲེལ། མ་འོངས་པར་མཉམ་ལས་གནང་ཕྱོགས་སོགས་ཀྱི་ཐོག་ལ་བཀའ་བསྡུར་ལྷུགས་པོ་གནང་ཡོད་པ་བཅས།

On October 30, 2026, a delegation from MINDAI, led by Dr. Aimon Kopera, founder of the MINDAI Institute, met with Speake...
30/10/2026

On October 30, 2026, a delegation from MINDAI, led by Dr. Aimon Kopera, founder of the MINDAI Institute, met with Speaker Dolma Tsering Teykhang and Deputy Speaker Khenpo Sonam Tenphel at the Tibetan Parliament-in-Exile.

The delegation comprised philanthropists, technology leaders, mindful investors, and social entrepreneurs who support Monlam AI and the initiatives of the Monlam Research Institute. Tenzin Norsang, Chief Development Officer of the Monlam Tibetan IT and Research Center, accompanied the group.

During the meeting, the delegation received a briefing on the development and operation of Tibetan democracy under the guidance of His Holiness the Dalai Lama. The discussion addressed the composition of the Tibetan Parliament-in-Exile and its primary initiatives, including periodic visits to Tibetan settlements and communities, parliamentary outreach, and the organization of the World Parliamentarians’ Convention on Tibet.

The delegation was also briefed on Tibet’s historical status as an independent and sovereign nation and on efforts to counter China’s narrative regarding its occupation of Tibet. Additional topics included the critical human rights situation for Tibetans within Tibet and the environmental consequences of China’s unsustainable exploitation of the Tibetan plateau, which affects millions across multiple countries.

The Speaker and the Deputy Speaker commended Monlam AI and the Monlam Research Institute for their exemplary contributions to preserving Tibetan language, culture, and religion through the development of a digital platform. The Speakers expressed appreciation for the supporters’ significant contributions to these initiatives. The meeting concluded with a question-and-answer session and a tour of the parliamentary hall.

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༣༠ ཉིན་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་དཔལ་ལྡན་བོད་མི་མང་...
30/10/2026

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༣༠ ཉིན་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱིས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་འཆར་ལ་རྒྱབ་སྐྱོར་གནང་མཁན་ MINDAI ཞེས་པའི་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་ལྕམ་སྐུ་འབུམ་རམས་པ་ཨཡེ་མོན་ (Dr. Aimon) ལགས་ཀྱིས་སྣེ་ཁྲིད་པའི་འཕྲུལ་རིག་ཆེད་ལས་མི་སྣ་དང་། གཏོད་ཕོད་ཅན་གྱི་སྦྱིན་བདག་སོགས་ལས་གྲུབ་པའི་ MINDAI ཞེས་པའི་ཚོགས་པའི་སྐུ་ཚབ་ཚོགས་ཆུང་ཞིག་དང་ལྷན་མཇལ་འཕྲད་གནང་སོང་།

ཐེངས་འདིའི་སྐུ་ཚབ་ཚོགས་ཆུང་དང་ལྷན་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་འཕེལ་རྒྱས་འགན་ཁུར་བ་བསྟན་འཛིན་ནོར་བཟང་ལགས་མཉམ་བཅར་ཞུས་འདུག

སྐབས་དེར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར་སོགས་ངོ་སྤྲོད་དང་། དེ་བཞིན་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་འབྲེལ་ཏེ། ལོ་རྒྱུས་ཐོག་བོད་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། ད་ལྟའི་ཆར་རྒྱ་ནག་དམར་གཞུང་གི་ཁྲིམས་འགལ་དབང་བསྒྱུར་བཙན་བཟུང་འོག་ཡོད་པ། ཉེ་ཆར་རྒྱ་ནག་དམར་གཞུང་གིས་ ‘མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག’ ཟེར་བ་དངོས་སུ་ལག་བསྟར་བྱེད་འགོ་བཙུགས་ནས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བཞིན་ཡོད་པ་མ་ཟད། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་བཞིན་ཡོད་སྐོར། མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གལ་གནད་སོགས་ཀྱི་ཐོག་གསུངས་པ་མ་ཟད། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ཐོག་ནས་ཐོག་ནས་སྨོན་ལམ་ཚིག་མཛོད་ཆེན་མོ་དང་། སྨོན་ལམ་བཅོས་མའི་རིག་ནུས་ AI སོགས་བཟོ་བསྐྲུན་བྱས་པ་དེས་བོད་ཀྱི་ཆོས་དང་། སྐད་ཡིག རིག་གཞུང་སྲུང་སྐྱོབ་ཐོག་ཞབས་འདེགས་རླབས་ཆེན་ཞུས་པར་བསྔགས་བརྗོད་སོགས་གནང་ཡོད་པ་བཅས།

Deputy Speaker Khenpo Sonam Tenphel will lead a delegation of Standing Committee members from the religious schools to t...
30/10/2026

Deputy Speaker Khenpo Sonam Tenphel will lead a delegation of Standing Committee members from the religious schools to the enthronement ceremony of Khondung Avikriti Vajra Rinpoche as the 44th Sakya Trizin in Jaigaon, West Bengal. The delegation includes Members of Parliament Tenpa Yarphel, Geshe Lharampa Atuk Tsetan, Lopon Thubten Gyaltsen, and Geshe Atong Rinchen Gyaltsen.

The parliamentary party will depart for Delhi on November 3 and proceed to Jaigaon via Bagdogra on November 4. They will attend the ceremony from November 5 to 7. The delegation will return to Delhi on November 8 and arrive in Dharamshala on November 9.

Dharamshala: Deputy Speaker Khenpo Sonam Tenphel will lead a delegation of Standing Committee members from the religious schools to the enthronement ceremony of Khondung Avikriti Vajra Rinpoche as the 44th Sakya Trizin in Jaigaon, West Bengal. The delegation includes Members of Parliament Tenpa Yarp...

དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་པའི་ཆོས་བརྒྱུད་སྤྱི་འཐུས་རྒྱུན་ལས་རྣམ་པ་རྒྱ་གར་དང་འབྲུག་གི་ས་མཚམས་འཇའ་འོད་སྒང་དུ་གཞུང་འབ...
30/10/2026

དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་པའི་ཆོས་བརྒྱུད་སྤྱི་འཐུས་རྒྱུན་ལས་རྣམ་པ་རྒྱ་གར་དང་འབྲུག་གི་ས་མཚམས་འཇའ་འོད་སྒང་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡༡ པའི་ཚེས་ ༥ དང་ ༦ ཉིན་རྒྱ་གར་དང་འབྲུག་གི་ས་མཚམས་འཇའ་འོད་སྒང་ (Jaigaon) དུ་རྟེན་གཞི་བྱས་པའི་དཔལ་ས་སྐྱ་ཐེག་ཆེན་ཕུན་ཚོགས་གླིང་གཙུག་ལག་ཁང་དུ། ༸སྐྱབས་མཆོག་མཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་༸དཔལ་ས་སྐྱའི་༸གོང་མ་ཁྲི་རབས་ཞེ་བཞི་པའི་ལུགས་ཟུང་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་བའི་ཁྲི་སྟོན་མཛད་སྒོའི་ཐོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་བཅས་གདན་ཞུས་ལྟར་གཞུང་འབྲེལ་ཆེད་ཕེབས་གནང་གཏན་ཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་པའི་ཆོས་བརྒྱུད་སྤྱི་འཐུས་རྒྱུན་ལས་རྣམ་པ་ཕྱི་ཟླ་ ༡༡ པའི་ཚེས་ ༣ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱ་གར་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༤ ཉིན་སྔ་དྲོ་ལྡི་ལི་ནས་བྷག་ཊོ་ར་བརྒྱུད་འཇའ་འོད་སྒང་དུ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༥ ནས་ ༦ བར་ས་གནས་སུ་མཛད་འཆར། ཕྱི་ཚེས་ ༨ ཉིན་འཇའ་འོད་སྒང་ནས་བྷག་ཊོ་ར་བརྒྱུད་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡༠ པའི་ཚེས་ ༢༦ ཉིན་རྡ་སྟེང་བོད་ཁྱིམ་སློབ་གྲྭར་ཕྱི་ལོ་ ༢༠༠༡ ལོར་འཛིན་རིམ་བཅུ་པ་དང་། ཕྱི་ལོ་ ༢༠༠༣ ལོ...
27/10/2026

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡༠ པའི་ཚེས་ ༢༦ ཉིན་རྡ་སྟེང་བོད་ཁྱིམ་སློབ་གྲྭར་ཕྱི་ལོ་ ༢༠༠༡ ལོར་འཛིན་རིམ་བཅུ་པ་དང་། ཕྱི་ལོ་ ༢༠༠༣ ལོར་འཛིན་རིམ་བཅུ་གཉིས་ཐོན་པའི་བོད་ཕྲུག་ཁྱིམ་སྡེའི་སློབ་ཟུར་ནས་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་བགྲེས་ཡོལ་ལ་ཕེབས་ཟིན་པའི་ལས་བྱེད་དང་། ད་ལྟ་ཞབས་ཞུ་གནང་བཞིན་པའི་ལས་བྱེད་དང་འབྲེལ་ཡོད་ནང་མི་ལྷན་རྒྱས་ལ་བཀའ་དྲིན་རྗེས་དྲན་གྱི་དགོང་དྲོའི་གསོལ་སྟོན་མཛད་སྒོ་ཞིག་ཚོགས་པའི་ཐོག དཔལ་ལྡན་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད་འདུག

Condolence Statement from the Tibetan Parliament-in-ExileThe Tibetan Parliament-in-Exile expresses its deep solidarity u...
26/10/2026

Condolence Statement from the Tibetan Parliament-in-Exile

The Tibetan Parliament-in-Exile expresses its deep solidarity upon learning of the tragic news of a magnitude 7.0 earthquake that struck the Nagchu Drachen region of Tibet on the night of 22 October 2026, at approximately 10:33 p.m. Tibet local time, according to reports from various news media.

The earthquake caused significant casualties and injuries, widespread destruction due to the collapse of homes, road blockages caused by falling boulders, and severe hardships in accessing food, clothing, and shelter amid the onset of winter cold. His Holiness the Dalai Lama, along with non-sectarian religious heads and monasteries, has offered prayers for those who lost their lives. We extend our heartfelt condolences to the bereaved families and pray for the swift recovery of the injured. Furthermore, we call upon all public and private entities to provide the necessary assistance to help displaced families overcome these severe hardships.

The primary underlying cause of these recurring natural disasters in Tibet stems from the Chinese government’s reckless and extensive destruction of the Tibetan Plateau, including rampant deforestation, dam construction, river diversion and blockages, mining operations, and the construction of railways and tunnels without adequate regard for environmental safety. Therefore, we call upon the Chinese government to invite international environmental experts and take full responsibility for protecting and preserving Tibet’s ecology.

Tibetan Parliament-in-Exile
26 October 2026

The Tibetan Parliament-in-Exile expresses its deep solidarity upon learning of the tragic news of a magnitude 7.0 earthq...
26/10/2026

The Tibetan Parliament-in-Exile expresses its deep solidarity upon learning of the tragic news of a magnitude 7.0 earthquake that struck the Nagchu’s Drachen region of Tibet on the night of 22 October 2026, at approximately 10:33 p.m. Tibet local time, according to reports from various news media.

The Tibetan Parliament-in-Exile expresses its deep solidarity upon learning of the tragic news of a magnitude 7.0 earthquake that struck the Nagchu’s Drachen region of Tibet on the night of 22 October 2026, at approximately 10:33 p.m. Tibet local time, according to reports from various news media.

Address

Gangchen Kyishong
Dharamsala
176215

Opening Hours

Monday 9am - 5pm
Tuesday 9am - 5pm
Wednesday 9am - 5pm
Thursday 9am - 5pm
Friday 9am - 5pm

Telephone

+911892222481

Alerts

Be the first to know and let us send you an email when Tibetan Parliament-in-Exile posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Organization

Send a message to Tibetan Parliament-in-Exile:

Shortcuts

Share

Nearby government services