12/11/2026
12 November 2026: 𝐇𝐢𝐬 𝐌𝐚𝐣𝐞𝐬𝐭𝐲 𝐭𝐡𝐞 𝐊𝐢𝐧𝐠 𝐆𝐫𝐚𝐜𝐞𝐬 𝐭𝐡𝐞 𝐎𝐩𝐞𝐧𝐢𝐧𝐠 𝐂𝐞𝐫𝐞𝐦𝐨𝐧𝐲 𝐨𝐟 𝐭𝐡𝐞 𝐒𝐢𝐱𝐭𝐡 𝐒𝐞𝐬𝐬𝐢𝐨𝐧, 𝐅𝐨𝐮𝐫𝐭𝐡 𝐏𝐚𝐫𝐥𝐢𝐚𝐦𝐞𝐧𝐭
སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༡ པའི་ཚེས་ ༡༢ ། མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་གི་སྤྱི་ཚོགས་བཞི་པའི་ཚོགས་ཐེངས་ ༦ པའི་ འགོ་བཙུགས་རྟེན་འབྲེལ་གྱི་མཛད་རིམ་ནང་ དབུ་བཞུགས་མཛད་གནང་ཡོདཔ།
ད་རིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་གི་སྤྱི་ཚོགས་བཞི་པའི་ཚོགས་ཐེངས་ ༦ པའི་འགོ་བཙུགས་རྟེན་འབྲེལ་གྱི་མཛད་རིམ་ནང་དབུ་བཞུགས་མཛད་གནང་ཡི། མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཚོགས་དཔོན་དང་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ བློན་ཆེན་ ལྡོག་ཕྱོགས་འགོ་ཁྲིདཔ་ བློན་པོ་ལྷན་རྒྱས་ དེ་ལས་ ཚོགས་ཁང་ཕན་ཚུན་གཉིས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ཚུ་གིས་ རང་ལུགས་ཀྱི་ཆིབས་གྲལ་ཐོག་ལས་ རྒྱལ་ཡོངས་ཚོགས་ཁང་ནང་ ཕེབས་བསུ་ཞུ་ཡི།
འགོ་བཙུགས་རྟེན་འབྲེལ་མཛད་རིམ་འདི་ནང་ གཞུང་གི་ཆེ་མཐོའི་དཔོན་ཁག་དང་ ཕྱི་འབྲེལ་དོན་གཅོདཔ་ཚུ་ དེ་ལས་ ཚོགས་སྡེའི་ངོ་ཚབ་ཚུ་དང་ ན་གཞོན་སློབ་ཕྲུག་དང་སློབ་དཔོན་ཚུ་གིས་མ་ཚད་པར་ བརྡ་བརྒྱུད་ལས་བྱེདཔ་ཚུ་གིས་ཡང་ བཅའ་མར་གཏོགས་ཡོདཔ་མ་ཚད་ འགོ་བཙུགས་རྟེན་འབྲེལ་གྱི་ མཛད་རིམ་འདི་ རྒྱང་བསྒྲགས་ཀྱི་ཐོག་ལས་དངོས་མཐོང་སྦེ་ ཕུལ་ཡོདཔ་ཨིན།
མཛད་རིམ་གྱི་སྐབས་ལུ་ ཚོགས་དཔོན་གྱིས་ སྤྱི་ཚོགས་ལུ་ འགོ་བཙུགས་གསལ་བཤད་ཕུལ་མིའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྒྱལ་གཞུང་གི་ཕྱག་ལཱ་ཁག་ཆེཝ་ཚུ་ སྐུ་རྒྱབ་ལུ་བཞག་གནང་སྟེ་ སྤྱི་ཚོགས་ལུ་ཐུགས་བརྩེ་བས་གཟིགས་ཏེ་ འབྲུག་གི་སྤྱི་ཚོགས་བཞི་པའི་ཚོགས་ཐེངས་ ༦ པའི་ འགོ་བཙུགས་རྟེན་འབྲེལ་མཛད་རིམ་ནང་ དབུ་བཞུགས་མཛད་གནང་མི་ལུ་ བཀའ་དྲིན་དགའ་ཚོར་གྱི་ཞུ་བ་ཕུལ་ཡི།
དེ་ལས་ ཚོགས་དཔོན་གྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་དང་རྒྱལ་སྤྱིའི་མཐུན་ལམ་སྒྲིང་སྒྲི་བཟོ་སྟེ་ ང་བཅས་རའི་ རྒྱལ་ཁབ་དང་མི་སེར་གྱི་མཐའ་དོན་ལུ་ མཐུན་འབྲེལ་དང་ མཉམ་འབྲེལ་ཡར་དྲག་སྦོམ་འབད་ར་ བཏང་གནང་མི་ལུ་ བཀྲིན་དགའ་ཚོར་གྱི་ཞུ་བ་ཕུལཝ་མ་ཚད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ལོ་ ༢༠༡༡ ལུ་ བདེ་སྲུང་ལས་རིམ་དང་ སྤྱི་ལོ་ ༢༠༢༤ ལུ་ རྒྱལ་སྲུང་ལས་རིམ་ དེ་ལས་ སྤྱི་ལོ་ ༢༠༢༥ ལུ་ དཔལ་སྲུང་ལས་རིམ་ཚུ་ གཞི་བཙུགས་གནང་སྟེ་ ན་གཞོན་ཚུ་ལུ་ རིག་རྩལ་དང་མ་འོངས་པའི་དོན་ལུ་ གྲ་སྒྲིག་འབད་ནིའི་ རིན་ཐང་དང་བྲལ་བའི་ གོ་སྐབས་གནང་མི་ལུ་ བཀའ་དྲིན་ཆེ་ཟེར་ཞུ་ཡི།
ད་རུང་ ཚོགས་དཔོན་གྱིས་ དགེ་ལུགས་ཕུག་དྲན་ཤེས་ཁྲོམ་ཚོགས་ནང་ ཉིནམ་གཅིག་གི་ནང་འཁོད་ལུ་ རྒྱལ་རབས་ནང་ ཚུད་པའི་ མཛད་འཕྲིན་ བྱང་ཆུབ་མཆོད་རྟེན་བརྒྱ་དང་བརྒྱད་ མཐར་འཁྱོལ་ཅན་སྦེ་ བཞེངས་གནང་མི་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་མཁྱེན་རྒྱ་ཆེ་བའི་དབུ་ཁྲིདཔ་དང་ རྒྱལ་ཁབ་དང་སངས་རྒྱས་ཀྱི་བསྟན་པ་ལུ་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཕྱག་ལཱ་མཛད་གནང་མི་ལུ་ དགའ་ཚོར་གྱི་རྗེས་དྲན་ཕུལ་ཡི། དེ་མ་ཚད་ མི་དབང་སྐུ་འཁོར་དང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ རིས་མེད་བསྟན་པའི་བླ་ཆེན་ གཞུང་གྲྭ་ཚང་ དེ་ལས་ ཆོས་སྡེ་ཁག་ཚུ་གིས་ སྨོན་ལམ་རྣམ་དག་དང་ བྱིན་གྱིས་རླབས་གནང་པའི་ཁར་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ནང་ ཆོས་ཕྱོགས་དང་འབྲེལ་བའི་ ལས་རིམ་བརྩམས་གནང་མི་ཚུ་ལུ་ བཀའ་དྲིན་དགའ་ཚོར་ཚུ་ཡང་ཕུལ་ཡི།
དེ་བཞིན་དུ་ རྒྱལ་ཁབ་ཕྱི་ནང་གཉིས་ལུ་ བཞུགས་ཡོད་པའི་ འབྲུག་པའི་མི་སེར་ཚུ་གིས་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་ནང་ རྒྱུ་སྦུང་གི་ཐོག་ལས་ རྒྱབ་སྐྱོར་དང་ ཁས་བླངས་ཀྱི་ཞལ་འདེབས་ཕུལ་མི་ལུ་ དགའ་ཚོར་གྱི་ངོས་ལེན་ཚུ་ཡང་ ཕུལ་ཡོདཔ་མ་ཚད་ མི་དབང་རྒྱལ་བཙུན་མཆོག་གིས་ སེམས་ཁམས་འཕྲོད་བསྟེན་ ཡར་དྲག་གཏང་ནི་དང་ སེམས་ཁམས་དང་འབྲེལ་བའི་ ནདཔ་ཚུ་ལུ་ དུས་ཐོག་གི་ རྒྱབ་སྐྱོར་གནང་ནི་ལུ་དམིགས་ཏེ་ པདྨ་ལྟེ་བ་འགོ་འབྱེད་མཛད་གནང་མི་ལུ་ བཀའ་དྲིན་དགའ་ཚོར་ཚུ་ཕུལ་ཡི།
སྤྱི་ཚོགས་བཞི་པའི་ཚོགས་ཐེངས་ ༦ པའི་ནང་ འབྲུག་གི་ཏམ་ཁུ་དམ་འཛིན་(འཕྲི་སྣོན་) དཔྱད་ཡིག་ ༢༠༢༦ ཅན་མ་དང་ འབྲུག་གི་རྒྱབ་མིའི་ (འཕྲི་སྣོན་) དཔྱད་ཡིག་ ༢༠༢༦ ཅན་མ། དེ་ལས་ འབྲུག་གི་ཉེས་འགེལ་གནད་དོན་གྱི་ཕན་ཚུན་ཁྲིམས་དོན་གྲོགས་རམ་དཔྱད་ཡིག་དང་ འབྲུག་གི་སྐྱིན་ཚབ་བཏབ་མ་ཚུགས་པའི་གནས་སྟངས་དང་ཉམས་གསོའི་དཔྱད་ཡིག་ ༢༠༢༦ ཅན་མ། འབྲུག་གི་གཏེར་ཁ་དང་གཏེར་རྫས་དཔྱད་ཡིག་ ༢༠༢༦ ཅན་མ་དང་ འབྲུག་གི་དངུལ་ཕོགས་བསྐྱར་བཟོའི་དཔྱད་ཡིག་ ༢༠༢༦ ཅན་མའི་ཐོག་ལུ་ གསུང་གྲོས་གནང་ནི་ཨིན་པས། དེ་མ་ཚད་ ཚོགས་ཐེངས་འདི་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ རྩིས་ལོ་ ༢༠༢༥ དང་ ༢༠༢༦ གི་ ལོ་ལྟར་སྙན་ཞུ་དང་ གྲོས་ཆོད་ དང་ལེན་གྱི་སྙན་ཞུ་ ༨ དང་། དེ་ལས་ གཞན་ གྲོས་དོན་དང་ དྲི་བཀོད་མཛད་རིམ་ཚུ་ བྱ་རིམ་གྱི་ཆ་ཤས་ཅིག་སྦེ་ བསྐྱར་ཞིབ་འབད་ནི་ཨིན་པས། སྤྱི་ཚོགས་ལྷན་བཞུགས་ཀྱི་སྐབས་ འཐུས་མི་ཚུ་གིས་ འབྲུག་གི་མཉམ་ལས་ཚོགས་སྡེ་དང་ སོ་ནམ་སྡེ་ཚན་གྱི་དཔྱད་ཡིག་ ༢༠༢༥ ཅན་མ་དང་ དབང་པོ་སྐྱོན་ཅན་ཚུའི་ འཐོབ་དབང་མཐུན་གྲོས་ཀྱི་འགག་ཆའི་ ༼འཕྲི་སྣོན་༽ དེ་ལས་ དམངས་རྩིས་ཚོགས་ཆུང་གིས་ ལོ་ལྟར་རྩིས་ཞིབ་སྙན་ཞུ་ཁག་ ༢ ཕུལ་མི་གུར་ གསུང་གྲོས་གནང་ནི་ཨིན་པའི་གནས་ཚུལ།
His Majesty the Druk Gyalpo graced the Opening of the Sixth Session of the Fourth Parliament today. His Majesty was received with the traditional Chipdrel procession led by the Speaker, the Chairperson of the National Council, the Prime Minister, the Leader of the Opposition, Cabinet Ministers, and the Secretaries General of the two Houses. The ceremony was also attended by senior government officials, members of the diplomatic community, business representatives, media personnel, and the public via live broadcast.
In his inaugural address, the Speaker expressed deep gratitude to His Majesty the King for gracing the opening ceremony of the Sixth Session of the Fourth Parliament despite His Majesty’s important national duties and commitments.
The Speaker expressed gratitude to His Majesty the King for strengthening Bhutan's international relations and fostering greater friendship and cooperation for the benefit of our nation and its people. He also expressed profound appreciation to His Majesty the King for His Majesty’s Visionary leadership throughout the year, highlighting that His Majesty graciously established the Desuung Programme in 2011, Gyalsung programme in 2024 followed by the Pelsung programme in 2025 providing the youth with invaluable opportunities to acquire diverse skills and prepare them for the future.
The Speaker expressed profound appreciation for the successful completion of the 108 Jangchub Chortens in Gelephu Mindfulness City (GMC), describing the historic achievement as a reflection of His Majesty The King’s profound vision, enlightened leadership, and dedication to the nation and Buddha Dharma. He also extended heartfelt gratitude to the Royal Family, His Holiness the Je Khenpo, revered Buddhist masters, the Zhung Dratshang, and religious institutions for their prayers, blessings, and contributions towards the spiritual development of GMC.
Further, he acknowledged the wholehearted support and voluntary contributions of the people of Bhutan towards GMC and expressed appreciation to Her Majesty the Gyaltsuen for consecrating the PEMA Centre, highlighting its importance in promoting mental well-being and supporting those in need.
The Sixth Session of the Fourth Parliament will deliberate on several legislative proposals, including the To***co Control (Amendment) Bill of Bhutan 2026, Jabmi (Amendment) Bill of Bhutan 2026, Mutual Legal Assistance in Criminal Matters Bill of Bhutan, Insolvency and Rehabilitation Bill of Bhutan 2026, Mines and Minerals Bill of Bhutan 2026, and Pay Revision Bill of Bhutan 2026. The Session will also review the Anti-Corruption Commission’s Annual Report for FY 2025–2026, along with 8 Action Taken Reports and motions, as part of the proceedings. During the Joint Sitting of Parliament, Members will deliberate on the Cooperatives and Farmers Group Bill of Bhutan 2025, the proposed Amendment to the Reservations to the Convention on the Rights of Persons with Disabilities, and two Annual Audit Reports presented by the Public Accounts Committee.